- alle zwei WochenErscheinungsrhythmus
- 20 mintypische Länge
- 31. März 2024letzte Folge
དེང་སྐབས་སྒྲའི་སྒྲིག་ཆས་སོགས་ཀྱི་ནང་བོད་སྐད་ཐོག་བྱིས་སྒྲུང་ཉན་རྒྱུ་དེ་འདྲ་དཀོན་པོ་རེད་འདུག་པས། ངེད་མ་དང་བུ་མོ་གཉིས་ཀྱིས་འདིར་བྱིས་སྒྲུང་ཉན་ཀློག་གི་འབད་བརྩོན་ཞིག་བྱས་ཡོད། We are a mother-daughter duo who loves to read and listen to stories. With this podcast, we attempt to encourage story telling and listening in Tibetan.
Cover art by Choekyi la.
For feedback and suggestions reach out to us at tchemey2014@gmail.com
Folgen
ས་ག་ཟླ་བ།
སློབ་གྲགས་ཉི་མ་དོན་གྲུབ་དང་ཟླ་བ་ཚེ་རིང་གཉིས་ཀྱི་བོད་ཟླ་བཞི་པའི་ཚེས་བཅོ་ལྔའི་ཉིན་མི་ཚང་མ་བྲེལ་བྲེལ་འཚུབ་འཚུབ་ངང་མཆོད་མཇལ་ཕྱག་སྐོར་བྱེད་བཞིན་པ་མཐོང་རྗེས་ཉིན་མོ་དེའི་གནད་འགག་སྐོར་ཤེས་འདོད་བྱུང་།
ཆོ་འཕྲུལ་སྨོན་ལམ་ཆེན་མོ།
ཨ་ཕ་དོན་གྲུབ་ཀྱིས་རང་ཉིད་ཀྱི་བུ་ཆུང་གཉིས་ལ་བོད་ཀྱི་དུས་ཆེན་ཁག་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ངོ་སྤྲོད་གནང་བ།
སྤྱང་ཀི་ས་གདོང་ནང་དུ་ལྷུང་བའི་སྒྲུང་།
སྤྱང་ཀི་ས་གདོང་ནང་ལྷུང་བ་དེ་ར་ཞིག་གིས་སྲོག་སྐྱོབ་བྱས་ཀྱང་། སྤྱང་ཀིས་ར་དེ་བཟའ་འདོད་ཀྱིས་རྗེས་དེད་བྱེད་བཞིན་ཕྱིན། རས་སྤྱང་ཀི་ལ་དྲང་བདེན་དགོས་པ་དྲན་བསྐུལ་བྱས། གང་ལྟར་ཁོ་གཉིས་ཀྱིས་སེམས་ཅན་དང་ཤོས་གསུམ་སུ་དང་འཕྲད་ཀྱང་ཁོང་ཚོས་བསམ་ཚུལ་འདྲི་རྒྱུ་བྱས
བྱིས་པའི་སྒྲུང་། དེབ་དང་པོ།
༡༣༽ ཕ་བུ་གླེན་པ་གཉིས་ཀྱིས་བོང་བུ་བཞོན་པ། ༡༤༽ རྟེའུས་ཆུ་བརྒལ་བའི་སྒྲུང་། ༡༥༽ མགོ་བསྐོར་བཏང་བའི་འབྲས་བུ་ངན་པ་རང་ལ་འཁོར་བའི་སྒྲུང་།
བྱིས་པའི་སྒྲུང་། དེབ་དང་པོ།
༡༠༽ རི་བོང་ཅལ་འདྲོགས། ༡༡༽ དགེ་རྒན་གྱི་མོག་མོག ༡༢༽ཁྭ་ཏ་དང་རི་ཁྲོད་པའི་རྩོད་གླེང་།
བྱིས་པའི་སྒྲུང་། དེབ་དང་པོ།
༣༽ རྨོ་བོ་འདོད་རྔམ་ཅན། ༤༽ ཝ་མོ་དང་རི་བོང་གིས་སྤྱང་ཀི་ལ་དགྲ་ཤ་ལེན་པ། ༥༽ ཨ་ཁུ་སྟོན་པའི་རྣམ་མཐར།
བྱིས་པའི་སྒྲུང་། དེབ་དང་པོ།
༡༽ ཁྱི་འདོད་རྔམ་ཅན་གྱི་སྒྲུང་། ༢༽ ཤིང་མཁན་དང་ཆུའི་ལྷ་མོ། ༣༽ བྱ་རིག་པ་ཅན་གྱི་སྒྲུང་།
རི་དྭགས་རུ་རུ།
མཛེས་སྡུག་ལྡན་ཞིང་བྱམས་དང་རྙིང་རྗེ་ལྡན་པའི་རི་དྭགས་རུ་རུས་ཚོང་པ་ཞིག་གི་སྲོབ་སྐྱོབ་བྱས་རྗེས། ཁོས་ཚོང་པ་དེར་ཁོ་གར་ཡིད་སུ་ལའང་མ་བཤད་ལབ་ཀྱང་། ཉིན་ཞིག་རྒྱལ་པོས་རི་དྭགས་རུ་རུའི་སྐོར་གནས་ཚུལ་སུས་སྤྲད་པ་ཡིན་ན་མི་དེར་བྱ་དགའ་ཡོད་ཅེས་གསལ་བསྒྲགས་བྱས་པ་
ཚ་ལུ་མའི་བུ་མོ།
ཡར་ཀླུང་གཙང་པོའི་ཉེ་འགྲམ་གྱི་ཡུལ་ཞིག་གི་རྒྱལ་པོའི་སྲས་ཆུང་ཟླ་བ་སྒྲུང་གཏམ་སོགས་ཀྱི་ནང་ཐོས་པ་ལས་མཐོང་རྒྱུ་མེད་པའི་ཚ་ལུ་མའི་བུ་མོ་འཚོལ་བར་ཕྱིན་པ།
ནག་ཁུང་ནང་གི་གྲིབ་གཟུགས།
༄༅། །བུ་ཆུང་ཆུང་ཞིག་རྟག་པར་ནག་ཁུང་ནང་ཞེད་ཀྱི་ཡོད་ཙང་། སློབ་གྲོགས་ཚང་མས་ཁོ་ལ་ཙིག་ཕྲུག་ཞེས་མུང་འདོགས་ཀྱི་ཡོད། འོན་ཀྱང་ཨ་མས་ཁོ་ལ་ཉིན་ལྟར་བློ་ཁོག་ཆེན་པོ་བྱེད་དགོས་པའི་བསླབ་བྱ་གནང་གི་ཡོད། ཉིན་ཞིག་ཁོས་ནག་ཁུང་ནང་གི་དོན་འདྲེ་སྐད་བཏང་།
མ་དྲིན་ཅན།
བུ་ལམ་བཟང་གིས་ནགས་བྱི་མ་བུ་གཉིས་ཁ་བྲལ་བཏང་ནས་ནགས་བྱི་ཕྲུ་གུ་དེ་གཅེས་ཉར་སྲོག་ཆགས་བཟོ་རྩིས་བྱས་སྐབས། ནགས་བྱི་མ་བུ་གཉིས་དབར་གྱི་བརྩེ་སེམས་དང་ཁོ་གཉིས་ཁ་བྲལ་བའི་སྡུག་བསྔལ་མཐོང་།
བྱིས་པའི་སྒྲུང་གཏེར། ༡༽ཞིང་པ་དང་འཆིལ་པ། ༢༽འགྲུལ་པ་དང་བདུད་ཕོ།
༡༽ ཞིང་པས་སྟོན་ཐོག་ཁོ་རང་རང་གིས་འཐུ་བ་ལས་གཞན་འཐུ་རོགས་བྱེད་མཁན་མ་རག་པ་བྱ་འཆིལ་པ་མ་བུ་གསུམ་གྱིས་མཐོང་། ༢༽ བདུད་ཕོ་ཞིག་གི་འགྲུལ་པས་བྱེད་སྟངས་དང་ཁ་ནས་སྐད་ཆ་བཤད་པ་ཆ་ཚང་མི་མཐུན་པར་མངོན།
བྱིས་པའི་སྒྲུང་གཏེར། ༤༽ཁྱི་ཕྲུག་བརླགས་པ།
བུ་མོ་སྒྲོལ་དཀར་གྱིས་ཁྱི་གདུང་དཀར་བརླགས་ཀྱང་། ངང་རྒྱུད་རིང་པོའི་ངང་འཚོལ་བར་ཕྱིན།
བྱིས་པའི་སྒྲུང་གཏེར། ༣༽ར་དཀར་པོ་དང་ར་ནག་པོའི་རྩོད་པ།
ཟམ་པ་ཞིག་གི་སྟེང་ར་དཀར་པོ་དང་ནག་པོ་རྩོད་པ་ཤོར་གྲབས་བྱེད་དུས་ར་དཀར་པོའི་རྣམ་སྤྱོད་བེད་སྤྱོད་བཏང་ནས་ཐབས་ལམ་ཞིག་རྙེད།
བྱིས་པའི་སྒྲུང་གཏེར། ༡༽ སེང་གེ་དང་ཙི་ཙི།
སེང་གེས་ཚེ་མཐར་བཏང་བའི་ཙི་ཙི་ཞིག་གིས་སེང་གེ་ལ་དྲིན་ལན་མཇལ་བ།
སྤྱང་ཀི་ས་དོང་ནང་དུ་ལྷུང་བའི་སྒྲུང་།
ས་དོང་ནང་ལྷུང་བའི་སྤྱང་ཀི་ཞིག་རས་བཏོན་རོགས་བྱས་ཀྱང་། སྤྱང་ཀིས་ར་དེ་བཟའ་རྩིས་བྱས།
བྲག་གསེབ་ཀྱི་གདོན་འདྲེ།
ལ་དྭངས་ཀྱི་དབང་གྲོང་ཚོའི་ནང་བྲག་གསེབ་ཀྱི་གདོན་འདྲེ་ཞིག་སླེབས། འོན་ཀྱང་རིག་འཛིན་གྱིས་གདོན་འདྲེ་དེ་སྐྱོབ་ཐབས་བྱས།
མགྲིན་བཟང་བོང་བུ།
གྲོད་ཁོག་ལྟོགས་པའི་མགྲིན་བཟང་བོང་བུར་ག་གོན་རྒྱག་ཚད་བཟའ་རྒྱུ་བྱུང་ཡང་། གཞས་བཏང་བ་དེས་དཀའ་རྙོག་བཟོས་པ།
ཁྱི་ཕྲུག་དང་ཞིམ་ཕྲུག་གི་ཡི་གེ་བསྐུར་བ།
དགུན་དུས་གྲང་མོ་ཡོད་པའི་སྐབས། ཁྱི་ཕྲུག་དང་ཞིམ་ཕྲུག་གཉིས་བདེ་སྐྱིད་གླིང་གི་བུ་མོ་ཚོར་ཡི་གེ་བསྐུར་བར་ཕྱིན་པ།
རྐང་པའི་དཀའ་རྙོག
ལི་ཁྲི་ནར་མ་ལྷམ་ཉོ་བར་འགྲོ་དུས་ཕྱེ་མ་ལེབ་མཐོང་བ་དང་། ཁོས་རང་ཉིད་ལ་ཕྱེ་མ་ལེབ་ནང་བཞིན་རྐང་པ་ཉུང་ཉུང་ཡོད་ན་སྐྱིད་པ་ལ་དྲན་པ་རེད།
ཐང་དཀར་རྒོད་པོ།
བྱ་འཛིན་རྒྱལ་པོས་གློ་སྨོན་ཡུལ་གྱི་བྱ་རྒོད་རྣམས་གསད་སྐབས། བུ་མོ་ལྷ་གཅིག་གིས་རྒོད་ཕྲུག་རྨས་པ་ཞིག་གསོས་པ་དང་། དེ་རྒྱལ་པོས་མཐོང་རྗེས། བུ་མོ་དང་བྱ་རྒོད་གཉིས་གསོད་རྒྱུའི་བཀའ་བཏང་།